40-45 75th Street, 2nd Floor
Elmhurst, NY 11373

(718) 500-3141

ང་ཚོའི་སྐོར།

བྱམས་གླིང་ཁྲིམས་ཀྱི་ལས་ཁུངས་ནི་ནེའུ་ཡོག ཁཱིའུན་སི། ཨེལ་མྷས་ས་གནས་སུ་ཆགས་ཡོད།

ང་ཚོའི་དམིགས་ཡུལ་ནི་བདེན་པའི་རྒྱལ་ཁ་ཞེས་པ་དེ་ཡིན་ཞིང་། ང་ཚོས་ཁྱེད་རང་ལ་བདེན་པའི་རྒྱལ་ཁ་ཐོབ་ཆེད་འཐབ་རྩོད་བྱེད་ཀྱི་ཡོད།དམིགས་ཡུལ་དེ་བསྒྲུབ་ཆེད་ང་ཚོར་ཁྲིམས་ཀྱི་སྐོར་ཤེས་བྱ་ཉམས་མྱོང་ཆེ་བ་དང་། རིག་གཞུང་ཐོག་རྒྱུས་མངའ་ཡོད་པ།དམིགས་བསལ་གྱིས་དོ་བདག་ལ་དོ་སྣང་དང་གནད་དོན་ཚང་མར་བདག་གཅེས་བྱེད་ཀྱི་ཡོད།

ང་ཚོའི་ཞབས་ཞུ་ཁག
ང་ཚོས་གཤམ་གསལ་གནད་དོན་ཁག་གི་སྐོར་དོ་བདག་ཞུ་སྦྱོར་བའི་ངོ་ཚབ་བྱེད་ཀྱི་ཡོད།
• ཁང་པ་ཉོ་ཚོང་།
• ཡུལ་སྤོ་འགྲོ་འོང་། ༼སྐྱབས་བཅོལ་དང་། ཕྱིར་འབུད།ཚོང་ལས་བཅས།༽
• ནང་མི།༼རྩོད་གླེང་མེད་པའི་ཁ་བྲལ།༽
• ཚོང་ལས་ཆུང་ཙག༼ཚོང་ལས་དེབ་སྐྱེལ་བྱ་རྒྱུ་དང་།ཚོང་ལས་ཉོ་ཚོང་རིགས་སོགས།༽

ང་ཚོའི་སྲོལ་གཏོད་པ།
Pasang Jamling བྱམས་གླིང་ཁྲིམས་ཀྱི་ལས་ཁུངས་ནི་ཁྲིམས་རྩོད་པ་པ་སངས་བྱམས་གླིང་ལགས་ཀྱིས་ ༢༠༡༩ ལོར་སྲོལ་གཏོད་གནང་བ་རེད།

ཁྲིམས་ཀྱི་ལས་ཁུངས་འདི་འགོ་འཛུགས་མ་ཞུས་གོང་། ཁོང་གིས་ཁང་པ་ཉོ་ཚོང་གི་ལས་ཁུངས་སུ་ཕྱག་ལས་གནང་མྱོང་ཡོད། ཁྲིམས་རྩོད་པ་པ་སངས་བྱམས་གླིང་གི་ས་ཁང་ཉོ་མཁན་དང་། ཚོང་མཁན། དངུལ་ཁང་བཅས་ཀྱི་ངོ་ཚབ་བྱས་ཏེ་ཁྲིམས་རྩོད་བྱེད་ཀྱི་ཡོད། ཁོང་གིས་གྲོང་ཁྱེར་ནེའུ་ཡོག་གི་ཁང་པ་ཉོ་འདོད་ཅན་མང་པོ་ཞིག་ལ་འཆར་སྣང་ལྡན་པའི་ས་ཁང་ཉོ་རྒྱུ་དོན་འབྲས་སོན་པ་བྱུང་ཡོད།

ཡུལ་སྤོ་འགྲོ་འོང་ཐོག་ནས་ཞུས་ན། ཁོང་གིས་ཨ་རིའི་མི་སེར་མ་འཐོབ་གོང་དང་། ཡུལ་སྤོ་འགྲོ་འོང་སྐབས་སོ་སོར་རོགས་རམ་གང་ཡོང་བྱེད་རྒྱུར་དོ་བདག་ཡུལ་ཁྲིམས་ལྟར་གྱི་ཞུ་སྦྱོར་བ་བརྒྱ་ཕྲག་བརྒལ་བའི་ངོ་ཚབ་བྱས་ཏེ་ཁྲིམས་རྩོད་གནང་ཡོད། མ་ཟད་ཕྱི་མི་ཕྱིར་འབུད་ཀྱི་གནད་དོན་འདྲ་མིན་རྣམས་ནེའུ་ཡོག་ཡུལ་སྤོ་འགྲོ་འོང་གི་ཁྲིམས་སར་མ་འབྱོར་གོང་ལ་དོ་བདག་གི་ངོ་ཚབ་བྱས་ཏེ་རོགས་རམ་གནང་གི་ཡོད།

པ་སངས་བྱམས་གླིང་ལགས་ནས་ནེའུ་ཡོག་གྲོང་ཁྱེར་ཁྲིམས་ཀྱི་སློབ་གྲྭའི་གྲོང་སྡེ་གཙུག་ལག་སློབ་གཉེར་ཁང་ནས་ཡུལ་ཁྲིམས་སྐོར་གྱི་འབུམ་རམས་པའི་ཕྱག་ཁྱེར་བླངས་ཏེ་བསླབ་པ་མཐར་སོན་པ་དང་། འཇཱོན་འཇེཡེ་ (John Jay College of Criminal Justice) ནག་ཉེས་ཉེ་སྙོམ་དྲང་བདེན་སྐོར་གྱི་མཐོ་སློབ་ནས་མང་ཚོགས་ཀྱི་སྲིད་བྱུས་དང་འཛིན་སྐྱོང་བཀོད་སྒྲིག་སྐོར་གཙུག་ལག་རབ་འབྱམས་པའི་ཕྱག་ཁྱེར་བཞེས་ཡོད།

ང་ཚོའི་སྐད་བརྡ་གཙོ་བོ།
ཁྲིམས་རྩོད་པ་པ་སངས་བྱམས་གླིང་ལགས་ཀྱིས་བོད་སྐད་དང་བལ་པོའི་སྐད་རང་རྐྱ་འཕེར་བའི་ཐོག་ནས་ཞུ་སྦྱོར་བ་དོ་བདག་ཚོར་འབྲེལ་མོལ་གནང་ཐུབ་ཀྱི་ཡོད་པ་མ་ཟད། རྒྱ་གར་སྐད་ཀྱང་ཤེས་ཀྱི་ཡོད། ཁྲིམས་རྩོད་པ་པ་སངས་བྱམས་གླིང་ལགས་ཁྲིམས་རྩོད་པའི་ལས་གཞིར་དངོས་སུ་མ་བཞུགས་གོང་། ཁོང་གིས་ལོ་དྲུག་རིང་ནེའུ་ཡོག་གྲོང་ཁྱེར་ནང་གི་ནང་མིའི་ཁྲིམས་ཁང་དང་། སྤྱི་དམངས་ཁྲིམས་ཁང་། ནག་ཅན་ཁྲིམས་ཁང་། རྫོང་ཁོངས་ཀྱི་ཆེས་མཐོའི་ཁྲིམས་ཁང་བཅས་སུ་བོད་པ་དང་བལ་པོའི་མི་མང་བརྒྱ་ཕྲག་བརྒལ་བའི་གནད་དོན་སྣ་མང་ཐོག་ཁྲིམས་ཁང་ཆེད་སྐད་བསྒྱུར་གྱི་ཐོག་ནས་ཕྱག་རོགས་གནང་མྱོང་ཡོད།

ཁྱེད་རང་ལ་ཁྲིམས་ཀྱི་གནས་དོན་ཅི་འདྲའི་ཐོག་ཁྲིམས་རྩོད་པའི་རོགས་རམ་དགོས་ན་ང་ཚོར་འབྲེལ་བ་གནང་རོགས།

འབྲེལ་གཏུགས་ཞུ་ཡུལ་ཁ་བྱང་།
བྱམས་གླིང་ཁྲིམས་ཀྱི་ལས་ཁུངས།
༤༠།༤༥ ཁྲོམ་ལམ།-༧༥ ཐོག་བརྩེགས་གཉིས་པ།
ཨེམ་ཧསིཊི། ནེའུ་ཡོག ༡༡༣༧༣
ཁ་པར་ཨང་གྲངས། (༧༡༨) ༥༠༠-༣༡༤༡
གློག་འཕྲིན་ཁ་བྱང་། AttorneyJamling@gmail.com

40-45 75th Street, Elmhurst, NY 11373
Call Now CALL NOW
go to top