40-45 75th Street, 2nd Floor
Elmhurst, NY 11373

(718) 500-3141

ཁང་པ་ཉོ་ཚོང་།

ཁང་པ་ཉོ་ཚོང་།

ཁང་པ་ཉོ་ཚོང་གི་ལས་ཀ་གང་འདྲ་ཞིག་ཡིན་རུང་། ཁྲིམས་ལ་རྒྱུས་མངའ་ཡོད་མཁན་ནས་ལམ་སྟོན་རོགས་རམ་ཞུ་རྒྱུ་གལ་ཆེ།  ས་ཁང་ཕ་གཞིས་ཕར་སྤྲོད་ཚུར་ལེན་དེ་ནི་ཧ་ཅང་རྙོག་འཛིངས་ཅན་དང་། དངུལ་འབོར་ཆེན་ཐེ་གཏོགས་ཆེ་བའི་ལས་ཀ་ཞིག་ཡིན་པས། མགོ་སྐོར་དང་། གཡོ་ཁྲམ། ནོར་འཁྲུལ་ཡོང་ཉེན་ཆེ་བའི་ལས་དོན་ཞིག་ཡིན། དེར་བརྟེན་ཁྲིམས་རྩོད་པ་རྒྱུས་མངའ་ཡོད་མཁན་ཞིག་ནས་ལམ་སྟོན་རོགས་རམ་ཞུ་རྒྱུ་ནི་དོན་གནད་ཆེན་པོ་ཞིག་ཆགས་ཀྱི་ཡོད།

ང་ཚོས་ཁང་པ་ཚོང་མཁན་དང་ཉོ་མཁན་གཉིས་ཀའི་ངོ་ཚབ་བྱེད་ཀྱི་ཡོད།

ང་ཚོའི་ཁྲིམས་མཐུན་གྱི་ཞབས་ཞུའི་རིགས་ནི་གཤམ་གསལ།

  • ཁྱེད་རང་གི་ཁང་པ་ཉོ་ཚོང་གི་གྲོས་མཐུན་ལ་འགྲིགས་འཇགས་དང་། ཁང་པ་ཉོ་ཚོང་གི་གྲོས་མཐུན་གྱི་ཆོད་གན་ཟིན་བྲིས་འགོད་རྒྱུ་དང་ལེགས་བཅོས་བྱ་རྒྱུ།
  • དངུལ་རྩིས་རྣམས་བརྟན་པོ་དང་མཉམ་བསྡུས་བཟོ་རྒྱུ།
  • ཁང་པའི་བདག་དབང་གསལ་པོ་ཞིག་རག་ཐབས་བྱེད་རྒྱུ།
  • བདག་དབང་ཅན་གྱི་ཉེན་སྲུང་མ་འཇོག་འཚོལ་རྒྱུ།
  • ཁང་པ་ཉོ་ཚོང་གི་ཚོགས་འདུ་མཐའ་མའི་སྐབས་་ཁྱེད་རང་གི་ངོ་ཚབ་བྱེད་རྒྱུ།
  • ཁྱེད་རང་ལ་ཁང་པ་ཉོ་ཚོང་དང་འབྲེལ་བའི་ཡིག་ཆ་ཚང་མའི་ངོ་ཤུས་རེ་སྤྲོད་རྒྱུ།
  • གཞུང་གི་དེབ་གཞུང་ལས་ཁུངས་སུ་ཁྱེད་རང་གི་ས་ཞིང་མཁར་དབང་སོགས་ཉོ་ཚོང་གི་གན་རྒྱ་རྣམས་ཐོ་འགོད་བྱེད་རྒྱུ་བཅས་ཡིན།
ཁྱེད་རང་གི་ཁྱེད་རང་གི་ཁང་པ་ཉོ་ཚོང་གི་སྤྲོད་ལེན་དེ་སླུ་བྲིད་འོག་མ་ཚུད་པར་མྱུར་པོ་དང་གྲུབ་འབྲས་ལྡན་པ་ཞིག་ཡོང་ཆེད་དུ་ཁྲིམས་རྩོད་པ་བྱམས་གླིང་གིས་རོགས་སྐྱོར་བྱེད་ཀྱི་ཡོད།

འབྲེལ་གཏུགས་ཞུ་ཡུལ་ཁ་བྱང་།
བྱམས་གླིང་ཁྲིམས་ཀྱི་ལས་ཁུངས།
༤༠།༤༥ ཁྲོམ་ལམ།-༧༥ ཐོག་བརྩེགས་གཉིས་པ།
ཨེམ་ཧསིཊི། ནེའུ་ཡོག ༡༡༣༧༣
ཁ་པར་ཨང་གྲངས། (༧༡༨) ༥༠༠-༣༡༤༡
གློག་འཕྲིན་ཁ་བྱང་། AttorneyJamling@gmail.com
40-45 75th Street, Elmhurst, NY 11373
Call Now CALL NOW
go to top